༄༅། །ཧྲི༔ སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།།
འཕགས་པ་མིན་པ་མི་བཞུགས་ཏེ།།རྒྱུད་དྲུག་འཁོར་བའི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།། འཕགས་པའི་ཤེས་རབ་འོད་འཕྲོས་པའི།།ཉིན་དང་མཚན་མོའི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།།
རིན་ཆེན་སྣ་ཚོགས་རབ་རྒྱན་པའི།།ས་དང་རྡོ་ཡི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།། རྣམ་སྣང་སྤོད་ཀྱི་ངད་ལྡན་པའི།།འཇིག་རྟེན་རླུང་གི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག
།སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།།
བྱང་ཆུབ་ཤིང་གིས་རབ་རྒྱན་པའི།།རྩི་ཤིང་ནགས་ཚལ་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།། ཏིང་ངེ་འཛིན་གྱི་ཟས་ཟ་བའི།།འཇིག་རྟེནཟས་ཀྱི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།། ཐམས་ཅད་མཉམ་ཉིད་གནས་པ་ན།།ངན་འགྲོ་གཡང་ས་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།།
ཆོས་ཀྱི་རྒྱལ་པོ་ཉིད་བཞུགས་པའི།།རྒྱལ་པོ་བློན་པའི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང་།།
བདུད་རྩི་བརྒྱད་ལྡན་ཆུ་འབེབས་པའི།།འཇིག་རྟེན་ཆུ་ཡི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང། ཡེ་ཤེས་གསལ་བའི་མེ་འབར་བའི།།འཇིག་རྟེན་མེ་ཡི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནང།
སྐྱེ་བ་ཐམས་ཅད་བརྫུས་ཏེ་སྐྱེ།།སྐྱེ་བ་གནས་པའི་མིང་ཡང་མེད།། སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག ། ཅེས་ཆོས་སྐུ་འོད་དཔག་མེད་ཀྱིས་གསུངས་པ་བདེ་ཆེན་ཞིང་བཀོད་མཚན་རྒྱས་པ་
ཐེག་པ་ཆེན་པོས་ཆོས་ཀྱི་ལེའུ་སྟོང་ཕྲག་བརྒྱ་པ་ལས་
ཆོས་སྐུ་འོད་དཔག་མེད་ཞེས་བྱ་བ་འདི་ ཆོ་སྦྲུལ་ཟླ་བའི་དུས་ཆེན་དང་འབྲེལ་
མ་དང་དབྱེར་མེད་པའི་འགྲོ་དྲུག་སེམས་ཅན་ཐམས་ཅད་ འཁོར་བའི་མཚོ་ལས་བསྒྲལ་ཏེ་
ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་དུ་སྐྱེ་བའི་ཆ་རྐྱེན་དུ་དམིགས་ཏེ་ཆོས་སྦྱིན་སྤེལ་བ་དགེ་ལེགས་འཕེལ།།
Om Ami Dewa Hri
Namo Amitabha
“Wherever the Buddha (His teachings) goes,
whether to a country, a city, or a village, people will be moved and will
benefit. All the lands will be enveloped in peace and harmony. The sun and moon
will shine clear and bright. Wind and rain will come when needed. Disasters and
epidemics will not occur. The country will flourish and people will enjoy
peace. There will be no need for soldiers or weapons. Virtues will be revered
and benevolence will be promoted. People will practice courtesy and humility.
There will be no robberies and thieves in the country. There will be neither
injustice nor resentment. The strong will not dominate the weak. Everyone will
naturally get their fair reward.”
-Infinite
Life, Adornment, purity, impartiality and Enlightenment Sutra spoken by the
Buddha